ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱིས་བསྒྲགས་གཏམ་སྤེལ་བར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་དགའ་བསུ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་ཉེ་དུས་བོད་དོན་ཐད་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དེ་ནི་ ཁོང་གིས་ལྷན་ཁང་དེའི་འགན་འཛིན་གྱི་ལས་འཁུར་བཞེས་པ་ནས་བཟུང་དེ་ བོད་དོན་ཐད་ཤུགས་ཆེ་བའི་བསྒྲགས་གཏམ་དེ་འདྲ་ཅིག་སྤེལ་བ་ཐོག་མ་དེ་ཡིན་པས་ དེ་ལ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་དགའ་བསུ་ཞུ་གི་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG