ངོ་འཕྲད་བདེ་བའི་དྲ་འབྲེལ།

༢༠༠༩་ལོ་ནས་བོད་ནང་ལོགས་སུ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་མཁན་རིམ་པ་ཞིག་བྱུང་བའི་ཨང་༧༧་པ་དེ་བདུན་ཕྲག་སྔོན་མར་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་། རྐང་ཚ་ཤང་དུ་བྱུང་ཡོད་ཅིང་། འདས་པོ་དེར་གདུང་སེམས་མཉམ་སྐྱེད་བྱེད་མཁན་ས་གནས་ཀྱི་དགེ་འདུན་པ་མང་པོ་ཕེབས་ཀྱང་ཉེན་རྟོག་པས་གྲྭ་དམངས་ལ་ལམ་བཀག་ནས་མི་ཁག་ཅིག་འཛིན་བཟུང་བྱས་པ་དང་། ཡང་པཎ་ཆེན་སྐུ་གོང་མས་བཙུགས་པའི་ས་གནས་དེའི་བོད་རིགས་སློབ་འབྲིང་གུང་སེང་བཞག་སྟེ་སློབ་ཕྲུག་གི་ངོ་རྒོལ་འབྱུང་སྲིད་པར་སྔོན་འགོག་བྱས་ཡོད་པའི་སྐོར། བསོད་ནམས་གཡང་འཛོམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

XS
SM
MD
LG