ངོ་འཕྲད་བདེ་བའི་དྲ་འབྲེལ།

པེ་རི་སི་རུ་མི་༥༠༠༠ལྷག་གིས་ཧི་མ་ལ་ཡའི་བོད་ཀྱི་དུས་སྟོན་ལ་མཉམ་ཞུགས་བྱས་པ།


Tibet Festival in Paris 2011

Tibet Festival in Paris 2011

ཉེ་ཆར་ཕ་རཎ་སི་རྒྱལ་ས་པེ་རི་སི་རུ་ཧི་མ་ལ་ཡའི་བོད་ཀྱི་དུས་སྟོན་ཚོགས་ཡོད་པ་རེད། ༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་བྱས་པའི་དུས་སྟོན་དུ། ནང་ཆོས་ངོ་སྤྲོད་གནང་མཁན་དྭགས་པོ་རིན་པོ་ཆེ་དང་། རྒྱ་གར་སེ་ར་སྨད་ནས་དགེ་འདུན་པས་དཀྱིལ་འཁོར་བཞེངས་རྒྱུས་མཚོན་པའི་ཆོ་ག་གནང་བ་དང། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པས་ཁོར་ཡུག་སྐོར་གཏམ་བཤད་གནང་བ་སོགས་བོད་དང་སོག་པའི་རིག་གཞུང་དང་། ད་ལྟའི་བོད་ཀྱི་ནང་གི་དཀའ་ཚེགས་ཀྱི་གནས་སྟངས་སྐོར་གོ་རྟོགས་ཆེན་པོ་སྤེལ་ཡོད་པའི་སྐོར་བསོད་ནམས་གཡང་འཛོམས་ཀྱིས་དེ་ཁུལ་སྐུ་ཚབ་དོན་གཅོད་ལ་བཀའ་འདྲི་ཞུས་པ་གསན་རོགས་གནང་།
XS
SM
MD
LG