ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྲིད་འཛིན་ཨོ་བྷ་མས་ཧེ་གྷལ་ལ་རྒྱལ་སྲུང་དྲུང་ཆེར་སྐོ་གཞག་གནང་རྒྱུ


ཨ་རིིའི་སྲིད་འཛིན་ཨོ་བྷ་མས་དེ་སྔའི་གྲོས་ཚོགས་གོང་མའི་འཐུས་མི་ Chuk Hagel ཡུལ་གྱི་རྒྱལ་སྲུང་དྲུང་ཆེ་རྗེས་མ་དེར་བསྐོ་གཞག་གནང་རྒྱུ་ཡིན་པའི་སྐོར་འབྲེལ་ཡོད་མི་སྣས་བརྗོད་ཀྱི་ཡོད་པ་དང་། དེ་འདྲའི་ཆ་ནས་ཁོང་ལ་དངོས་སུ་རྒྱལ་སྲུང་དྲུང་ཆེ་བསྐོ་གཞག་གནང་ཕྱོགས་ཐད་གྲོས་ཚོགས་གོང་མའི་ནང་བགྲོ་གླེང་གནང་བའི་སྐབས་སུ་ཁོང་གིས་དེ་སྔ་ཨིསི་རལ་ཐོག་འཛིན་པའི་ལངས་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་ཡོང་སྲིད་པ་ཞིག་ཆགས་ཡོད་འདུག་པ་ འདིའི་ཐད་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG