ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་འཛིན་གྱིས་རྒྱལ་དོན་སྲི་ཞུ་ལས་དོན་སྙན་སེང་གནང་བ།


ཨ་རིའི་སྲིད་འཛིན་མཆོག་གིས་གཟའ་མིག་དམར་ཉིན་རྒྱལ་ཡོངས་གྲོས་ཚོགས་ཐོག་གནང་བའི་རྒྱལ་དོན་སྲི་ཞུ་ལས་དོན་སྙན་སེང་གི་གཏམ་བཤད་ནང་རྒྱལ་ནང་དུ་དཔལ་འབྱོར་འཕེལ་རྒྱས་དང་ལས་རིགས་གསར་བསྐྲུན། མེ་དྲག་སྤྱོད་བཏང་འཛིན་དང་ ཁྲིམས་འགལ་ངང་གནས་མུས་ཀྱི་ཕྱི་མིའི་མ་འོངས་གནས་སྟངས་སོགས་ཀྱི་ཐོག་གླེང་སློང་གནང་བ་དང་ ཕྱོགས་མཚུངས་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་རྣམས་ལ་གོང་ཞུས་ཀྱི་གནད་དོན་ཁག་ཁྲིམས་མཐུན་བཟོ་བྱེད་ཀྱི་ལས་དོན་ཁག་གི་ནང་ཕྱ་གྲུ་མཉམ་འདེགས་ལེགས་པར་གནང་དགོས་ལུགས་སྐུལ་མའང་གནང་འདུག། ཡང་ཕྱོགས་འགལ་སྤྱི་མཐུན་ཚོགས་པས་རྩ་བའི་སྲིད་འཛིན་གྱི་ལས་འཆར་གྲལ་ནས་ཕྱི་མི་གཞིས་སྡོད་ཀྱི་གནས་སྟངས་དང་མེ་མདའ་བཏང་འཛིན་བྱེད་དགོས་པ་ཐོག་མོས་མཐུན་བྱེད་ཀྱི་ཡོད་ཀྱང་དེ་ཚོའི་ཐད་དགོས་མེད་ཀྱི་བཅོས་འགྱུར་རིགས་གཏོང་རྒྱུ་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG