ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

སྲིད་འཛིན་ལས་ཐོག་སྐུ་ཞབས་ཨོ་སྦ་མ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ།


​ཚེས་༦ཉིན་ཨ་རིའི་རྒྱལ་ཡོངས་ནང་སྲིད་འཛིན་གྱི་འོས་བསྡུ་གནང་ཡོད་པ་དང་། ད་ཐེངས་ཀྱི་འོས་བསྡུའི་ཐོག་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཨོ་སྦ་མ་ལ་རྒྱལ་ཁ་ཐོབ་ཡོད། དེ་ཡང་ཨ་རིའི་སྲིད་འཛིན་འོས་བསྡུའི་ལོ་རྒྱུས་ཐོག་འགྲན་རྩོད་འཁྲུག་ཆ་དོད་ཤོས་དང་འོས་བསྡུའི་འགྲོ་གྲོན་མང་ཤོས་ཀྱི་འོས་བསྡུ་ཞིག་ཆགས་ཡོད་ཅིང་། སྲིད་འཛིན་ལས་ཐོག་སྐུ་ཞབས་ཨོ་སྦ་མ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་གཏམ་བཤད་གནང་བའི་ནང་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་དུས་མཚུངས་དམངས་གཙོའི་གལ་འགངས་རང་བཞིན་སོགས་བཀའ་མོལ་གནང་ཡོད་ལ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་རོམ་ནི་ནས་ཀྱང་འཚམས་འདྲི་ཞུས་ཡོད་པ་རེད། ད་ཐེངས་ཚེས་༦ཉིན་གྱི་འོས་བསྡུའི་ཐོག་སྲིད་འཛིན་འོས་བསྡུ་གཅིག་པུ་མ་ཡིན་པར་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་ཀྱང་འོས་འདེམས་གནང་ཡོད།
XS
SM
MD
LG