ངོ་འཕྲད་བདེ་བའི་དྲ་འབྲེལ།

ནེའུ་ཡོག་ཏུ་ཆོས་ཕྱོགས་ཀྱི་རྣམ་པའི་སྒོ་ནས་ལོ་གསར་སྲུང་བརྩི་ཞུས་ཡོད་པ།


ཆུ་སྦྲུལ་ལོའི་ལོ་གསར་ཚེས་གཅིག་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་བོད་མི་ཚོས། གྲོང་ཁྱེར་ནིའུ་ཡོག་ནང་ཆོས་ཕྱོགས་ཀྱི་རྣམ་ཙམ་གྱི་ལོ་གསར་གྱི་མཛད་སྒོ་སྲུང་བརྩི་གནང་ཡོད་ པ་རེད། མཛད་སྒོར་ཨ་རིར་བཅའ་བཞུགས་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་རྒྱུན་ལས། སེར་སྐྱ་མང་ཚོགས་བཅས་ཁྱོན་མི་གྲངས་༤༠༠ ཙམ་མཉམ་ཞུགས་གནང་འདུག སྐུ་ཚབ་དོན་གཅོད་མཆོག་གིས་མཛད་སྒོར་འཚམས་འདྲིའི་གསུང་བཤད་གནང་སྐབས། བཙན་བྱོལ་བོད་མི་ཚོས་དགའ་སྤྲོ་དང་ཐུགས་སྤྲོའི་རྣམ་པའི་སྒོ་ནས་ལོ་གསར་སྲུང་བརྩི་མ་གནང་བ་དེ་ནི་ཆབ་སྲིད་ཀྱི་རྣམ་འགྱུར་གསལ་སྟོན་བྱས་པ་ཞིག་རེད་ཅེས་གསུངས་པ་དང་།

སྔ་དྲོའི་ཆོས་ཕྱོགས་ཀྱི་མཛད་སྒོ་གྲུབ་རྗེས་ཉིན་རྒྱབ་མུ་མཐུད་ཞལ་འདོན་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད་འདུག འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་བཏང་བ་དེ་གསན་རོགས་གནང་།

XS
SM
MD
LG