ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སང་ཉིན་ཕྱི་ཟླ་༥་ཚེས་༦་ནས་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཀྱི་ཡོད་པ་དང་། ད་ཐེངས་ཀྱི་ཚོགས་ཆེན་ནི་ལོ་༣༦་གི་རྗེས་སུ་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་ཀྱི་ཐེངས་དང་པོ་ཡིན་ཞིང་། ཚོགས་ཆེན་འདིར་བྱང་ཀོ་རི་ཡ་རྒྱལ་ཡོངས་ཀྱི་འཐུས་མི་སྟོང་ཕྲག་མང་པོ་འཛོམས་ནས་ཉི་མ་འགའ་ཞིག་ལ་འཚོགས་རྒྱུ་དང་། བྱང་ཀོ་རི་ཡའི་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཁག་ཅིག་གདན་འདྲེན་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག ༡༩༨༠་ཐམ་པའི་ལོར་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་ཚོགས་པ་དང་། སྐབས་དེར་བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་ཁབ་༡༡༨་ནས་སྐུ་མགྲོན་༡༨༠་ལྷག་མགྲོན་འབོད་བྱས་མོད། འོན་ཀྱང་ད་ལོ་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན་དེར་ཕྱི་རྒྱལ་གྱི་སྐུ་མགྲོན་ཉུང་ཤས་ཤིག་ལས་གདན་འདྲེན་ཞུས་མེད་ཅིང་། ཕྱི་རྒྱལ་གྱི་སྐུ་མགྲོན་ཉུང་ཤས་ལས་མེད་ཀྱང་བྱང་ཀོ་རི་ཡ་རྒྱལ་ཡོངས་ཀྱི་འཐུས་མི་སྟོང་ཕྲག་གསུམ་རྒྱལ་ས་ཕིང་དབྱང་ལ་དམར་ཤོག་ཚོགས་པའི་ཚོགས་འདུར་ཕེབས་ཀྱི་ཡོད་པས། ཀིམ་ཇུང་ཨུན་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་མི་སྣ་གཙོ་བོར་དེར་འགྱུར་རྒྱུ་དང་། བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༧་པ་འདི་ཞི་བདེ་བརྟན་ལྷིང་མེད་པ་འཁྲུག་རྩོད་ཀྱི་ཉེན་ཀ་ཆེ་བ། ད་ལོའི་ཕྱི་ཟླ་དང་པོའི་ནང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ནས་བཟུང་། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་འཐེན་རྩོད་ཀྱི་ཛ་དྲག་ཆེ་བའི་དུས་སྐབས་ཤིག་ཏུ་འཚོགས་ཀྱི་ཡོད་པ་རེད།།

XS
SM
MD
LG