ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་ནས་གསར་དུ་འབྱོར་བའི་བོད་མི་གཉིས་ཀྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་བྱས་པ།


བོད་ས་ཨ་མདོ་རྔ་བ་རྫོང་གི་གྲོང་གསེབ་ཅིག་ནས་ཡིན་པ་རང་ལོ་ཉི་ཤུ་རྩ་ལྔ་ལ་སོན་པ་བློ་བཟང་བསམ་འཕེལ་ལགས་ནི་ རྔ་བའི་ནང་ཡོད་པའི་སྒོ་མང་དགོན་པའི་དགེ་འདུན་པ་ཡིན་ཞིང་ ཁོང་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བ་བཅུ་གཅིག་པར་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཡོད་པས་ ཁོང་གིས་སྤྱི་ལོ་༢༠༠༨ལོ་བྱུང་བའི་བོད་མིའི་ཞི་རྒོལ་ཆེ་མོའི་སྐབས་སུ་རྔ་བ་ཁུལ་དུ་གནས་ཚུལ་ག་རེ་བྱུང་བ་དང་ ཉེ་ལམ་ག་རེ་བྱུང་བའི་གནས་ཚུལ་ཞིབ་ཅིང་ཕྲ་བ་ རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་ངོ་སྤྲོད་གནང་ཡོད་པ་དང་ ཕྱོགས་མཚུངས་ ཨ་མདོ་རེབ་ཀོང་གི་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱང་ཉེ་ཆར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ ཁོང་གིས་ཀྱང་རང་གི་མཐོང་ཐོས་མྱོང་ཚོར་གང་བྱུང་བ་རྣམས་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་འགྲེལ་བརྗོད་གནང་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།
XS
SM
MD
LG