ངོ་འཕྲད་བདེ་བའི་དྲ་འབྲེལ།

སྙན་ངག་པ་གཉའ་གོང་ལྷ་བྷེ་ལ་དྲ་རྒྱའི་ནང་དུ་མྱ་ངན་ཞུ་བཞིན་པ།


དགུང་ལོ་བཞི་བཅུ་ལ་ཟིན་ཙམ་ཡིན་པའི་བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་ཉེ་ཆར་འདས་གྲོངས་སུ་གྱུར་ཡོད་ཅིང་། དེར་བརྟེན་བོད་ཀྱི་དྲ་རྒྱའི་རྒྱུད་ལམ་ཁག་ཏུ་གཉའ་གོང་ལྷ་བྷེ་སྐུ་ཚེ་མ་ཟིན་པ་དེར་བོད་པའི་ཤེས་ཡོན་ཅན་གྱི་ཚོགས་སྡེ་དང་རྩོམ་པ་པོ་སོགས་ཀྱིས་མྱ་ངན་ཞུ་ཚིག་དང་རྗེས་དྲན་བྱེད་པའི་སྙན་ངག་མང་པོ་སྤེལ་གྱིན་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིག་དྲ་ཚིགས་ཆེ་ཤོས་མཆོད་མེ་རྩོམ་རིག་དྲ་བས་ཀྱང་རྗེས་དྲན་གྱི་ཆེད་སྒྲིག་ལེ་ཚན་ཞིག་ཡོད་པའི་བརྡ་ཁྱབ་སྤེལ་ཡོད་པ་བཅས་མི་ཚོས་སྙན་ངག་པ་འདས་པོ་དེར་འཕངས་སེམས་ཀྱི་སྒོ་ནས་རྗེས་དྲན་དང་མྱ་ངན་ཞུ་གིན་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG