ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་ཨ་མདོ་རེབ་གོང་ནས་ཕྲུ་གུ་གཉིས་ཀྱི་ཨ་མས་རང་སྲེག་ངོ་རྒོལ་བྱས་འདུག


ཟླ་༡༡ཚེས་༡༧ཉིན་བོད་ཀྱི་ཨ་མདོ་རེབ་གོང་སྨད་པ་ཁ་རྒྱའི་ཕ་འབྲུག་བྱམས་དང་མ་སྒྲོལ་མཚོ་གཉིས་ཀྱི་བུ་མོ་ལོ་༢༦ཡིན་པའི་ལྕགས་མོ་སྐྱིད་ཀྱིས་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ཙམ་ལ་རེབ་གོང་གི་དགའ་བདེ་ཁྲོམ་རའི་ནང་རང་ལུས་མེར་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཤིང་། ལྕགས་མོ་སྐྱིད་ནི་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་༧༥དེ་ཆགས་ཡོད་པ་དང་། ཟླ་བ་འདིའི་ནང་རེབ་གོང་ནས་རང་སྲེག་ངོ་རྒོལ་བྱ་མཁན་བོད་མི་བརྒྱད་པ་དེ་ཆགས་ཡོད་འདུག

སུད་སི་ནང་བཞུགས་མཁན་བསོད་ནམས་ལགས་ཀྱིས་ཨ་མི་རི་ཀའི་རྒྱང་སྲིང་རླུང་འཕྲིན་ཁང་ལ་གསུངས་གསལ་ལྟར་ན། ལྕགས་མོ་སྐྱིད་འདས་གྲོངས་སུ་འགྱུར་པའི་རྗེས་ས་གནས་ཀྱི་མང་ཚོགས་ཚོས་ཁོང་གི་སྐུ་ཕུང་རོང་བོ་དགོན་པའི་རྒྱབ་རིར་གདན་ཞུས་ཀྱིས་ཞུགས་འབུལ་ཞུས་འདུག་པ་དང་ཞུགས་འབུལ་སྐབས་དགེ་འདུན་པ་དང་མང་ཚོགས་སྟོང་ཕྲག་མང་པོས་བསྔོ་སྨོན་གནང་འདུག

ལྕཌ་མོ་སྐྱིད་ཀྱིས་རང་ལུས་མེར་བསྲེཌ་བཏང་བའི་རྗེས་རྒྱ་ནག་གཞུང་གིས་ས་གནས་སུ་ལམ་སེང་ཉེན་རྟོག་པ་དང་དམག་མི་མང་རུ་བཏང་སྟེ་དམ་བསྒྲཌ་ཆེ་རུ་བཏང་འདུག་ལ། གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་མུ་མཐུད་གསུངས་པར། རེབ་གོང་ནང་དེང་སང་རང་ལུས་མེར་བསྲེཌ་གཏོང་མཁན་མང་རུ་འགྲོ་གི་ཡོད་སྟབས་ གཞུང་ཕྱོགས་ནས་རེབ་གོང་ཁུལ་དུ་བདེ་འཇགས་སྲུང་སྐྱོབ་ཟེར་བའི་མིང་ཐོག་ནས་ཉིན་མཚན་མེད་པར་ཉེན་རྟོག་སྐོར་སྲུང་བྱེད་བཞིན་ཡོད་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། འདས་པོ་ཁོང་ནི་ཟི་ལིང་དང་རྩེ་ཁོག་ནང་གླ་བྱེད་མོ་ཌ་བཏང་ནས་འཚོ་ཐབས་འཚོལ་བཞིན་ཡོད་པའི་ཐོག་ཁོང་ལ་ཕྲུ་གུ་བུ་གཉིས་ཡོད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG