ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་བྱང་ཀོ་རི་ཡར་ཉེན་བརྡ།


ཟླ་བ་སྔོན་མར་བྱང་ཀོ་རི་ཡས་འཕེན་རྒྱང་རིང་བའི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་གྲོས་ཆོད་བཞག་ཅིང་། ད་ལྟ་སླར་ཡང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པ་དང་། དེར་བརྟེན་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གསར་པ་འཇཱོན་ཁེ་རི་དང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཀིམ་སུང་ཧོན་གཉིས་ཀྱིས་ཁ་པར་ཐོག་ཏུ་བཀའ་མོལ་གནང་སྟེ། གལ་ཏེ་བྱང་ཀོ་རི་ཡས་སྔར་བཞིན་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པ་དང་། ཁོ་ཚོས་འཁྲུག་རྩོད་བསླངས་ནས་ཀོ་རི་ཡའི་ཕྱེད་གླིང་དེར་ཞི་བདེ་བརྟན་ལྷིང་ཡོང་དུ་མི་འཇུག་པའམ། ཡང་ན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་ལ་ཉན་འཇོག་མ་བྱས་ཚེ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡར་སྔར་ལས་ལྷག་པའི་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG