ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་དམག་གྲུ་ཞིག་བྷུ་རུ་ནེར་དམག་སྦྱོང་ཆེད་འབྱོར་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོའི་ནང་ རྒྱལ་ཁབ་མང་པོའི་མཚོ་དམག་མཉམ་འདུས་ཀྱི་གལ་ཆེའི་དམག་སྦྱོང་ཞིག་བྱེད་ཀྱི་ཡོད་པར་ མཉམ་ཞུགས་བྱ་རྒྱུའི་ཆེད་དུ་ རྒྱ་གར་གྱི་མཚོ་དམག་གི་དམག་གྲུ་ཨཱ་རཱ་ཝྡ་ རེས་གཟའ་ཉི་མའི་ཉིན་ ལྷོ་ཤར་ཨེ་ཤི་ཡེའི་རྒྱལ་ཁབ་བྷུ་རུ་ནེར་འབྱོར་ཡོད་ཅིང་ གཞི་རྒྱ་ཆེ་བའི་དམག་སྦྱོང་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་ཁོངས་སུ་ ལྷོ་ཤར་ཨེ་ཤི་ཡེའི་རྒྱལ་ཁབ་བཅུ་ཡོད་པ་དེ་དག་གི་ཐོག་ ཨ་མི་རི་ཀ་དང་ རྒྱ་གར་ རྒྱ་ནག་ ཉི་ཧོང་ ནིའུ་ཛེ་ལེནྜ་ ཨཽས་ཊེ་ལི་ཡ་ ལྷོ་ཀོ་རི་ཡ་ དེ་བཞིན་ ར་ཤི་ཡ་བཅས་ཡོད་པ་རེད་ དམག་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི་ མཚོ་འགྲུལ་བདེ་བགྲོད་ལ་འགལ་རྐྱེན་ཡོང་རྒྱུ་སྔོན་འགོག་བྱ་རྒྱུ་དང་ འཇིགས་བསྐུལ་རིང་ལུགས་བཀག་འགོག་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན་ཞིང་ དམག་སྦྱོང་དེ་བཞིན་ ཕྱི་ཟླ་ལྔ་པའི་ཚེས་གཅིག་ནས་ཚེས་དགུ་བར་བྱ་རྒྱུ་ཡིན་པ་རེད།

XS
SM
MD
LG