ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་མི་བརྒྱ་ཕྲག་ཁ་ཤས་ཀྱིས་གཞུང་གི་ཤེས་ཡོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ།


རྒྱ་ནག་གི་དབུས་ཕྱོགས་ཞིང་ཆེན་ཞིག་གི་གྲོང་ཁྱེར་གྱི་ནང་ རེས་གཟའ་ཉི་མའི་ཉིན་ གྲོང་མི་ལྔ་བརྒྱ་སྐོར་ཞིག་འདུ་འཛོམས་བྱས་ཏེ་ ཞིང་ཆེན་དེའི་གཙུག་ལག་སློབ་གྲྭ་ཆེ་མོ་ཁག་གི་ནང་སློབ་ཞུགས་བྱ་རྒྱུའི་ས་མིག་ལྡེང་ངེས་མེད་པའི་སྐྱོན་བརྗོད་བྱས་ཏེ་ ངོ་རྒོལ་བྱས་ཡོད་པ་དང་ དེ་ནི་ ཤེས་ཡོན་སྲིད་བྱུས་ལ་འགྱུར་བཅོས་བྱ་རྒྱུའི་རྒྱ་ནག་གཞུང་གི་འཆར་གཞི་ཞིག་ལ་ ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་གསར་ཤོས་དེ་ཡིན་པ་རེད་ དེ་ཡང་ ཧེ་ནཱན་ཞིང་ཆེན་གྱི་ཀྲང་ཀྲུའུ་གྲོང་ཁྱེར་གྱི་ཨིར་ཀཱི་ཐང་ཆེན་དུ་ ཕྲུ་གུའི་ཕ་མ་དང་ སློབ་ཕྲུག་བཅས་བརྒྱ་ཕྲག་ལྔ་སྐོར་ཞིག་གི་ལག་ཏུ་ ཤེས་ཡོན་གྱི་སྲིད་བྱུས་དྲང་བདེན་དགོས་ཞེས་པའི་འབོད་ཚིག་འཁོད་པའི་ཡིག་སྦྱང་འཁྱེར་ཏེ་ ངོ་རྒོལ་བྱས་ཡོད་པ་དང་ ངོ་རྒོལ་བྱེད་མཁན་དེ་རྣམས་ཀྱིས་ རང་ཉིད་གནས་ཡུལ་ཞིང་ཆེན་དེའི་ནང་ མཐོ་སློབ་ལ་ཞུགས་རྒྱུའི་ས་མིག་ཧ་ཅང་དཀོན་དྲགས་པའི་རྐྱེན་གྱིས་ ཕྲུ་གུ་མང་པོ་ཞིག་མཐོ་སློབ་ལ་འཛུལ་རྒྱུའི་ཡིག་རྒྱུགས་འཕྲོད་པ་ཡིན་རུང་ སློབ་ཞུགས་བྱེད་ས་མེད་པར་ངལ་རྩོལ་རྒྱུགས་དགོས་ཐུག་གི་ཡོད་པ་སོགས་སྐྱོན་རྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG