ངོ་འཕྲད་བདེ་བའི་དྲ་འབྲེལ།

འགྲོ་བ་མིའི་ཐོབ་ཐང་ལ་འགྲོ་བ་མིས་ནོར་འཁྲུལ་བཏང་བའི་ལོ་རྒྱུས་གློག་བརྙན་དུས་སྟོན།


ནོར་ཝེ་ཡི་རྒྱལ་སའི་ནང་། འགྲོ་བ་མིའི་ཐོབ་ཐང་ལ་འགྲོ་བ་མིས་ ནོར་འཁྲུལ་བཏང་བའི་ལོ་རྒྱུས་ཐད་ཀྱི་གློག་བརྙན་དུས་སྟོན་སྲུང་བརྩི་ཞུ་ཐེངས་ ལྔ་པ་འགོ་འཛུགས་གནང་བ་དང་སྦྲགས། ཉིན་གྲངས་དྲུག་གི་རིང་ད་ལྟ་འཛམ་ གླིང་སྤྱི་དང་ལྷག་དོན་ནོར་ཝེ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ དང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གློག་བརྙན་བཟོ་འདོན་བྱ་ཕྱོགས་ ཀྱི་སྐོར་བགྲོ་གླེང་དང་གྲོས་བསྡུར་གནང་རྒྱུ་དང་། འདི་ལོའི་བགྲོ་གླེང་གི་ བརྗོད་གཞི་ཁག་གི་ཁོངས་སུ། གཞན་ལ་སྣང་ཆུང་ཁྱད་གསོད་དང་། སྨྲ་བརྗོད་རང་དབང་། ངོ་རྒོལ་གྱི་ལས་འགུལ་ཁག་གི་སྐོར་དང་། དཔལ་འབྱོར་ འདྲ་མཉམ་མེད་པ་དང་། དྲང་བདེན་མེད་པ་སོགས་ཀྱི་སྐོར་ལ་ཡིན་པའི་སྐོར།

XS
SM
MD
LG