ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱིས་པ་གཉིས་ཀྱི་ཨ་ཕས་རང་སྲེག་ངོ་རྒོལ།


​ཕྱི་ཚེས་༢༩་ཉིན་བོད་ཀྱི་མདོ་སྨད་ཀླུ་ཆུ་རྫོང་། ཟམ་ཚ་ཞང་གི་ལོ་ཚོ་སྡེ་བའི་བྱིས་པ་གཉིས་ཀྱི་ཨ་ཕ་ཚེ་རིང་རྣམ་རྒྱལ་ཞེས་པ་ཞིག་གིས་ཀླུ་ཆུའི་ཟམ་ཚ་ཞང་གི་སྲིད་གཞུང་མདུན་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ཚེ་རིང་རྣམ་རྒྱལ་གྱི་ཕུང་པོ་ཟམ་ཚའི་གདོང་གཟུགས་དགོན་པའི་གྲྭ་དམངས་དང་ཟམ་ཚའི་བོད་པ་ཚོས་འདས་པོ་དེའི་སྐྱེས་ཡུལ་ལོ་ཚོ་སྡེ་བའི་རང་ཁྱིམ་དུ་འཁྱེར་ནས་མཆོད་འབུལ་དང་བསྔོ་སྨོན་བྱེད་བཞིན་པ་མ་ཟད། ཚེ་རིང་རྣམ་རྒྱལ་ནི་རྒྱུན་དུ་བོད་དོན་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པ་དང་། ཕྱི་ལོ་༢༠༠༦་ལོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཨམ་ར་ཝ་ཊིའི་དུས་འཁོར་དབང་ཆེན་སྐབས་སུ་བཀའ་སློབ་གནང་བ་ལྟར་བོད་ཡུལ་དུ་གཅན་གཟན་གྱི་པགས་པ་རྩ་མེད་བཏང་ཞིང་། ཚེ་རིང་རྣམ་རྒྱལ་ནི་ཀླུ་ཆུ་ས་ཁུལ་དུ་གཅན་གཟན་གྱི་པགས་པ་གྱོན་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་མཁན་ཐོག་མའི་གྲས་ཡིན་འདུག
XS
SM
MD
LG