ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ནང་ཡོད་གཏན་ཉིན་སློབ་གྲྭའི་གནས་བབས།


རྒྱུད་ལམ་གྱི་སྐྱོན།

Oops, as you can see, this is not what we wanted to show you! This URL has been sent to our support web team to the can look into it immediately. Our apologies.

Please use Search above to see if you can find it elsewhere

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་བསྒྱུར་མཛད་མ་ཐག་རྒྱ་གར་ལ་འབྱོར་བའི་བོད་ཕྲུག་ཚོའི་ཆེད་རྒྱ་གར་ནང་བོད་ཕྲུག་ཁེ་གཙང་གི་སློབ་གྲ་ཟུར་འཛུགས་མཛད་ཡོད་པ་དང་། དེ་དག་གི་འཛིན་སྐྱོང་གནང་མཁན་རྒྱ་གར་དབུས་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་བོད་སློབ་འཛིན་སྐྱོང་ཚོགས་པ་ཞེས་པ་ཟུར་འཛུགས་གནང་ཡོད། ད་ཆ་ལོ་ལྔ་བཅུའི་རྗེས་སློབ་གྲ་དེ་དག་གི་འཛིན་སྐྱོང་དབུས་བོད་མིའི་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་རྒྱུར་རྒྱ་གར་གཞུང་གིས་ཆོག་མཆན་གནང་ཡོད་པ་རེད། དེ་རིང་གི་བགྲོ་གླེང་ལེ་ཚན་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཡིག་ཆེན་མོ་དངོས་གྲུབ་ཚེ་རིང་ལགས་གདན་འདྲེན་ཞུས་ནས་གཏན་ཉིན་སློབ་གྲ་དེ་དག་གི་འཛིན་གི་སྐྱོང་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་རྗེས་སློབ་གྲའི་གནས་བབས་ཇི་ཆགས་ཀྱི་སྐོེར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG