ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུ་རོབ་ཀྱི་མཐོ་རིམ་འགོ་ཁྲིད་ཀྱིས་རྒྱ་གཞུང་ལ་བོད་དོན་གྲོས་མོལ་བསྐྱར་དུ་བསྐུལ་མ།


ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ Barbara Lochbihler གྱིས་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་དཀའ་རྙོག་སེལ་རྒྱུའི་ཆེད་དུ་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་ཏ་ལའི་བླ་མ་མཆོག་དང་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱེད་དགོས་ཞེས་བསྐུལ་མ་གནང་འདུག་པ་དང་ དེ་བཞིན་ཁོང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག
XS
SM
MD
LG