ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མི་རང་ལུས་མེར་བསྲེག་གཏོང་མཁན་ཆེད་དུ་སྔོ་སྨོན་བྱེད་པའི་ལས་འགུལ།


ཡོངས་གྲགས་སུ་ཤེས་རྟོགས་བྱུང་བ་ལྟར་ན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༡༠༢་བྱུང་བ་དང་བཙན་བྱོལ་ནང་བོད་མི་༦་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་བའི་དུས་འདིར།་བཙན་བྱོལ་བོད་གཞུང་གིས་བདུན་ཕྲག་འདིའི་གཟའ་ལྷག་པ་ཉིན་རྒྱལ་སྤྱིའི་ས་ཁུལ་གང་སར་ཁོང་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་དུ་སྨོན་ལམ་འདོན་པའི་ལས་འགུལ་ཞིག་སྤེལ་རྒྱུའི་བརྡ་ཐོ་བཏང་ཡོད་པ་རེད། དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG