ངོ་འཕྲད་བདེ་བའི་དྲ་འབྲེལ།

དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་རྒྱ་གར་གཞུང་གིས་འཇུ་བཟུང་།


བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་མང་དུ་ཕྱིན་ནས་ཛ་དྲག་གི་གནས་སྟངས་དང་ཨ་མདོ་རེབ་གོང་གི་བོད་པའི་སློབ་ཕྲུག་ཚོའི་ངོ་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་སུ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་བཅས་ཚོགས་མི་བཅུ་གསུམ་རྒྱ་གར་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ལྡི་ལི་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།
XS
SM
MD
LG