ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཇེ་པུར་དུ་རྩོམ་བྲིས་དུས་ཆེན་ལ་ལྷན་བཞུགས་མཛད་ཡོད་པ།


༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཇེ་པུར་དུ་ ཚོགས་པའི་རྩོམ་བྲིས་དུས་ཆེན་གྱི་སར། འཛམ་གླིང་སྤྱིའི་རྩོམ་བྲིས་ལ། སངས་རྒྱས་ བཅོམ་ལྡན་འདས་ཀྱིས་ཤུགས་རྐྱེན་ཅི་འདྲ་ཐེབས་ཡོད་མེད་གསུང་བཤད་ གནང་སྟེ། གནའ་བོའི་ནྭ་ལེན་ཌ་གཙུག་ལག་སློབ་གཉེར་ཁང་ཐོག་མར་ འགོ་འཛུགས་བྱུང་པ་ནས་བཟུང་། རྒྱ་གར་གྱིས་ཤེས་ཡོན་སྦྱང་བརྩོན་ གྱི་ཐོག་ལེགས་སྐྱེས་དཔག་ཏུ་མེད་པ་ཕུལ་ཡོད་པའི་སྐོར་ནན་བརྗོད་མཛད་ ཡོད་ལུགས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ ཆུབ་སྒྲོལ་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG