ངོ་འཕྲད་བདེ་བའི་དྲ་འབྲེལ།

“དགོན་པའི་ནང་དུ་ཏཱ་ལའི་འདྲ་པར་འཇོག་པར་གཏན་འགོག་བྱ་རྒྱུ”ཞེས་པའི་སྦྱར་ཡིག


ཉེ་ཆར་བོད་མདོ་སྨད་རེབ་གོང་མདོ་བ་ཞང་དུ་བོད་མི་བཞིས་ཡིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་ཡོད་པ་རང་། འབྲེལ་ཡོད་བོད་ནང་གི་བོད་མི་ཚོས་གནས་ཚུལ་འགྲེལ་བརྗོད་བྱས་དོན་ལྟར་ན་རེབ་གོང་མདོ་བ་ཞང་གཙོས་པའི་ཡུལ་ཚོ་དང་དགོན་པ་སོ་སོར་རྫོང་སྲིད་གཞུང་གིས་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ཡི་སྐུ་དཔར་བཀག་འགོག་བྱ་རྒྱུའི་སྦྱར་ཡིག་གང་སར་བཀྲམ་པ་དང་༧རྒྱལ་བ་རིན་པོ་ཆེར་ཁ་བྲལ་བ་རེད་ཅེས་ཁ་རྡུང་གཏོང་བཞིན་པ་སོགས་ནི་རེབ་གོང་དུ་བོད་མི ཚོས་རང་ལུས་མེར་བསྲེགས་བཏང་བའི་འཕྲལ་གྱི་རྒྱུ་མཚན་དུ་ངོས་འཛིན་བྱེད་ཀྱིན་ཡོད་འདུག འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་བྱས་ཏེ་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG