ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་སློབ་འཛིན་ཚོགས་སློབ་གྲྭ་རྣམས་རྩིས་ལེན་རྒྱུའི་དགེ་མཚན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་དབུས་ཤེས་རིག་དང་མིའི་ནུས་ཤུགས་གོང་སྤེལ་ལས་ཁུངས་ཁྱབ་ཁོངས་བོད་སློབ་འཛིན་ཚོགས་ཀྱིས་འདས་པའི་ལོ་ལྔ་བཅུའི་རིང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཏན་འཇགས་དང་ཉིན་མོའི་སློབ་གྲྭ་བདུན་ཅུ་སྐོར་གྱི་འཛིན་སྐྱོང་དང་ལྟ་རྟོགས་ཆ་ཚང་བ་གནང་ཡོད་པ་དང་། བར་ལམ་ནས་སློབ་གྲྭ་དེ་དག་གི་འཛིན་སྐྱོང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་རྒྱུའི་སྐོར་ལ་རྒྱ་གར་དབུས་གཞུང་ལ་ལས་འཆར་ཞིག་ཕུལ་ཡོད་པ་བཞིན་རིང་མིན་སློབ་གྲྭ་དེ་དག་གི་འཛིན་སྐྱོང་དང་ལྟ་རྟོགས་དབུས་བོད་མིའི་ཤེས་རིག་ལས་ཁུངས་ཀྱིས་གནང་རྒྱུའི་འཆར་གཞི་ཡོད་པ་རེད། ཀུན་གླེང་ལས་རིམ་གྱིས་དབུས་བོད་མིའི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཡིག་ཆེ་མོ་དངོས་གྲུབ་ཚེ་རིང་ལགས་དང་བོད་མིའི་ཤེས་ཡོན་ལ་ཉམས་ཞིབ་གནང་མྱོང་བ་བུ་མོ་ཚེ་རིང་ལགས་གཉིས་གདན་འདྲེན་ཞུས་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྣམས་རྩིས་ལེན་འཆར་ཡོད་པ་དེའི་དགེ་མཚན་དང་མ་འོངས་པར་གདོང་ལེན་བྱེད་དགོས་པ་གང་ཡོད་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན །

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།

XS
SM
MD
LG