ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་དྷ་རམ་ས་ལར་མཆོད་འབུལ།


ཟླ་བ་འདིར་བོད་ཀྱི་མདོ་སྨད་མཛོད་དགེའི་གྲྭ་བ་དཀོན་མཆོག་འཕེལ་རྒྱས་དང་ཀླུ་ཆུ་རྫོང་གི་མི་སྐྱ་པདྨ་རྡོ་རྗེ། དེ་བཞིན་རེབ་གོང་རྩེ་ཁོག་གི་བུ་མོ་བན་ཆེན་སྐྱིད་བཅས་ཀྱིས་རིམ་བཞིན་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་དང་། དེ་རིང་ཕྱི་ཚེས་༡༤་ཉིན་རྒྱ་གར་རྡ་རམ་ས་ལར་ཀིརྟི་རིན་པོ་ཆེ་དབུ་བཞུགས་གནང་སྟེ། བཙན་བྱོལ་བོད་གཞུང་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྔོ་སྨོན་དང་མཆོད་འབུལ་རྒྱ་ཆེ་ཞིག་བྱས་ཡོད་པའི་སྐོར། དྷ་རམ་ས་ལ་ནས་ང་ཚོའི་གསར་འགྱུར་མཁོ་གཏོང་བ་ལྷག་པ་སྐྱིད་འཛོམས་ལགས་ཀྱིས་བཏང་ཡོང་བའི་གནས་ཚུལ་ཞིག་གསན་རོགས་གནང་།
XS
SM
MD
LG