ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་མི་སེར་གྱི་ནུས་ཤུགས་སྣེ་ཁྲིད་གླེང་སྟེགས།


རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཞེས་བརྗོད་པ་བོད་པ་དང་ ཡོ་ཁུར་ ཁ་ཆེ་དེ་མིན་ནང་སོག་གི་གནད་དོན་ཐད་རེས་གཟའ་ཕུར་བུ་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ལས་ཁུངས་ནང་འབྲེལ་ཡོད་མི་སྣ་ཁག་ལྷན་འཛོམས་བགྲོ་གླེང་ཞིག་གནང་བའི་སྐབས་ཁོང་རྣམ་པས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚོའི་ཐོག་འཛིན་བཞིན་པའི་སྲིད་ཇུས་དྲང་པོ་མིན་སྟབས་དེ་འགྱུར་བཅོས་གཏོང་རྒྱུར་རྒྱལ་སྤྱིས་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་གཅིག་མཚུངས་གནང་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཆེད་བཅར་ཞུས་ཏེ་ཕྱོགས་སྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།
XS
SM
MD
LG