ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གསར་ཤོག་ཐོག་ནོ་བྷེལ་རྩོམ་རིག་བྱ་དགའི་གསུང་བཤད་ཆ་ཚང་བཀོད་མེད།


རྒྱ་ནག་གཞུང་གི་ཤིང་ཧྭ་གསར་ཁང་ནས་ ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུའི་ཉིན་རྒྱ་ནག་གི་རྩོམ་པ་པོ་རྨོའོ་ཡན་ལ་འཛམ་གླིང་ནོ་བྷེལ་རྩོམ་རིག་གི་བྱ་དགའ་འབུལ་བའི་སྐབས་སུ་ནེ་བྷེལ་རྩོམ་རིག་ལྷན་ཚོགས་ཀྱི་གཙོ་འཛིན་མཆོག་གི་གསུང་བཤད་ཆ་ཚང་མ་བཏང་བར་འདེམས་སྒྲུག་བྱས་ནས་བཏང་བ་དེར་སྐྱོན་བརྗོད་ཡོང་བཞིན་པའི་སྐབས་འདིར། ཧོང་ཀོང་གི་ཕིང་གོའོ་ཉིན་རེའི་གསར་ཤོག་གིས་རྒྱ་སྐད་ཐོག་ཆ་ཚང་བཀོད་པ་མ་ཟད། རྒྱ་ནག་གཞུང་གི་གསར་འགྱུར་ཐོག་འབྲི་བསུབ་བྱས་པའི་ཚིག་རྣམས་འབུར་དུ་བཀོད་ནས་དཔྱད་བསྡུར་བྱེད་གཞིར་བཞག་ཡོད་པའི་སྐོར་སོགས་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG