ངོ་འཕྲད་བདེ་བའི་དྲ་འབྲེལ།

བླ་བྲང་འཇིགས་མེད་ཀྱི་རྒྱ་མི་ཁྲིམས་རྩོད་པ་གཉིས་རྒྱ་གཞུང་གིས་བཀག་པ།


བོད་མདོ་སྨད་ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་པ་བླ་བྲང་འཇིགས་མེད་ལགས་ནི་ བོད་མི་རྣམས་ཀྱིས་གུས་བརྩི་ཆེན་པོ་ཞུ་ཡུལ་ཤེས་ཡོན་ཅན་ཞིག་ཡིན་པ་དང་ སྔ་ལོ་རྒྱ་ནག་གཞུང་གིས་ཁོང་འཇུ་བཟུང་བྱས་ཡོད་པ་དེ་ནི་ ད་ཕན་ཁོང་འཛིན་བཟུང་བྱས་ཐེངས་བཞི་པ་དེ་ཡིན་ཞིང་ ད་ལྟ་བཙོན་ཁང་ནང་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཀྱང་ཧ་ཅང་སྐྱོ་པོ་ཆགས་ཡོད་པར་བརྟེན་ ཁོང་གང་མགྱོགས་གློད་འགྲོལ་ཡོང་རྒྱུའི་ཆེད་དུ་ཁོང་གི་ནང་མིས་རྒྱ་མི་ཁྲིམས་རྩོད་པ་གཉིས་གླས་ཡོད་ཀྱང་ རྒྱ་གཞུང་གི་ཁྲིམས་འཛིན་མི་སྣས་ ཁྲིམས་རྩོད་པ་དེ་གཉིས་ལ་ཁོང་གི་ཆེད་དུ་ཁྲིམས་རྩོད་བྱེད་དུ་བཅུག་མེད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG