ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་རང་སྲེག་ཐེར་འདོན་ལ་བྱ་དགའ་གསལ་བསྒྲགས།


བོད་པ་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་རིམ་པ་ཞིག་བྱས་པརར་རྟེན། ཕྱི་ཟླ་༡༡་པའི་ཚེས་༢༠་ཉིན་བོད་ཀྱི་མདོ་སྨད་རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་བརྡ་ཁྱབ་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། རང་ལུས་མེར་སྲེག་ལ་འབྲེལ་བའི་ལས་དོན་གང་འདྲ་ཞིག་ཡིན་རུང་དེ་ལ་ཐེ་ཞུགས་བྱེད་མཁན་ལ་ཉེས་ཁྲིམས་གཅོད་རྒྱུ་དང་། དེ་བཞིན་བྱ་སྤྱོད་དེ་དག་ལ་འབྲེལ་བ་ཡོད་པ་སྲིད་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་བྱུང་ན་དངུལ་གྱི་བྱ་དགའ་རིམ་པ་ཞིག་སྤྲོད་རྒྱུའི་གསལ་བསྒྲགས་བྱས་འདུག་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དང་གཞན་ཡང་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པ་ཞིག་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG