ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྣམ་པའི་བཀའ་མོལ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་གསར་པ་འཇཱོན་ཁེ་རིས་ལས་ཁུར་བཞེས་ནས་བཟུང་། ཁོང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམ་པར་ཁ་བཏང་སྟེ། ཨ་མི་རི་ཀ་དང་འབྲེལ་ཡོད་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་སྲིད་པ་བཅས་ལ་གྲོས་བསྡུར་བྱས་ཡོད། གཟའ་ལྷག་པའི་ཉིན་ཕྱི་སྲིད་དྲུང་ཆེ་འཇཱོན་ཁེ་རིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲི་ལ་ཁ་པར་བཏང་སྟེ། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་གཙིགས་སུ་འཛིན་རྒྱུ་དང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་དང་དཔལ་འབྱོར་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུ། ད་ལྟ་ས་གོ་ལའི་ཚ་དྲོད་རྒྱས་ནས་ཐན་པ་དང་ཆུ་ལོག་བརྒྱུགས་ཏེ། འཛམ་གླིང་གི་གནམ་གཤམ་གཤིས་ལ་འགྱུར་ལྡོག་འགྲོ་བཞིན་པ་འགོག་ཐབས་བྱེད་ཕྱོགས་སུ་གྲོས་མོལ་བྱས་དང་། རྒྱ་ནག་དང་ཨ་རིའི་ཕྱི་སྲིད་བློན་ཆེན་རྣམ་པས་ཨི་རན་གྱི་རྡུལ་ཕྲན་ལས་གཞི་དང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་སྲིད་པ་དེ་ལའང་གྲོས་བསྡུར་ལྷུག་པོ་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG