ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་སེམས་འཚབ་གཙོ་བོ་གཉིས།


ཉེ་བའི་ལོ་ཤིག་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་རྒྱལ་ཁབ་ལ་ཞི་བདེ་བརྟན་ལྷིང་ཡོད་མེད་དང་། རྒྱལ་ཡོངས་མི་དམངས་གུང་ཁྲན་ཏང་ལ་གཞུང་དྲང་བློ་དཀར་ཡིན་མིན་ཉིན་གྱི་བློ་འཚབ་ཅིག་ཡོད་པ་མཚན་དུས་དྲུག་གི་སེམས་ནད་ལྟ་བུ་ཞིག་ལ་གྱུར་ཡོད་པ་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་དང་མི་དམངས་བཅིངས་འགྲོལ་དམག་གིས་སྤྱི་ཁྱབ་གཞོན་པ་གོ་པའོ་ཤུང་གིས་མི་དམངས་བཅིངས་འགྲོ་དམག་གིས་ངེས་པར་དུ་གུང་ཁྲན་ཏང་གི་བཀའ་ལ་བརྩི་དགོས། མི་དམངས་བཅིངས་འགྲོལ་དམག་བློ་གཅིག་སེམས་གཅིག་གི་སྒོ་ནས་རྒྱ་ནག་དམར་ཤོག་ཚོགས་པར་གཞུང་དྲང་བློ་དཀར་ཡིན་དགོས་པ་མ་ཟད། མི་དམངས་བཅིངས་འགྲོལ་དམག་རྒྱ་ནག་གུང་ཁྲན་ཏང་གིས་ཡིད་རྟོན་རུང་བའི་རྒྱལ་ཁབ་ཀྱི་དྲག་པོའི་དཔུང་སྡེ་ཞིག་ཡིན་དགོས་ཤིང་། རྒྱ་ནག་གུང་ཁྲན་ཏང་གིས་ངེས་པར་དུ་མི་དམངས་བཅིངས་འགྲོལ་དམག་ལ་འགོ་ཁྲིད་བྱེད་དགོས་པ་དང་། འདི་ལྟར་བྱེད་རྒྱུ་མི་དམངས་བཅིངས་འགྲོལ་དམག་གི་ལྟ་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས། ཁོང་ཚོའི་ལག་ལེན་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལ་རྒྱབ་འགལ་མི་འགྲོ་བའི་ཆེད་དུ་ཡིན་ཞེས་ནན་བརྗོད་བྱས་ཡོད་པ་རེད། ཡང་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཀྲུག་ཡུང་ཁང་གིས་པེ་ཅིང་ལ་ཚོགས་པའི་རྒྱལ་ཡོངས་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱལ་ཁབ་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་དང་། མི་རིགས་མཐུན་སྒྲིལ་གྱི་ནུས་པ་སྲ་བརྟན་གཏོང་རྒྱུ་གཞུང་གི་རིམ་པ་ཁག་གི་ལས་དོན་ཨང་དང་པོ་ཡིན་ཞེས་བཤད་ཡོད། ལྷག་པར་དུ་ཀྲུག་ཡུང་ཁང་གིས་བོད་དང་ཞིན་ཅང་གི་གནད་དོན་ངོས་བཟུང་སྟེ། ཁོང་གིས་བོད་དང་ཞིན་ཅིང་གི་ཁ་བྲལ་རིང་ལུགས་པ་དང་འཇིགས་སྐུལ་རིང་ལུགས་པ། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ་ཚོར་འཐབ་རྒོལ་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གཉིས་སུ་བོད་དང་ཞིན་ཅང་ལ་ཟིང་འཁྲུག་བསླངས་ནས་འཇབ་རྒོལ་བྱེད་སྲིད་པའི་ཉེན་ཀ་ཡོད་པ་དང་། ང་ཚོས་དེ་ལ་མཐའ་གཅིག་ཏུ་འཐབ་རྒོལ་ནན་པོ་བྱེད་དགོས་ཞེས་བཤད་ཡོད་པ་རེ།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG