ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟླ་བ་སྔོན་མའི་ནང་བོད་མདོ་སྨད་ཆབ་ཆ་གྲོང་ཁྱེར་གྱི་སློབ་མ་ཚོས་ཞི་བའི་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་ལ། ཉིན་དེ་ནས་རིམ་བཞིན་སློབ་གྲྭ་ཁག་ནས་སློབ་མ་རྣམས་བཀག་ཉར་འདྲི་རྩད་བྱ་མགོ་བརྩམས་ཡོད་པ་ལས། དེ་རིང་གནས་ཚུལ་ཐོན་པ་ལྟར་ན་སློབ་གྲྭ་ཁག་གི་སྤྱི་ཁྱབ་རྒན་བདག་དང་འཛིན་གྲྭའི་རྒན་བདག་སོགས་སློབ་མ་བརྒྱད་ལ་ལོ་ལྔ་རེ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེ་བཞིན་ཆབ་ཆའིོ་སློབ་མའི་ཡར་ལངས་རྗེས་རྨ་ལྷོ་མི་རིགས་སློབ་འབྲིང་གཉིས་པ་ནས་སློབ་མ་༡༨ཙམ་འཛིན་བཟུང་བྱས་འདུག་ལ་ཡང་དེ་རིང་རེབ་གོང་རྩེ་ཁོག་རྡོ་དཀར་མོ་ཞང་ནས་དགོན་པ་དང་སྔགས་མང་ཚོགས་པ། གྲོང་པ་ལ་སོགས་པའི་འགོ་ཁྲིད་མི་ལྔ་འཛིན་བཟུང་བཙན་ཁྲིད་བྱས་འདུག གནས་ཚུལ་མཁོ་འདོན་པས་བརྗོད་པ་ལྟར་ན། ཆབ་ཆ་དང་རེབ་གོང་སོགས་སུ་སློབ་མའི་ཡར་ལངས་དང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བའི་དུས་ཐོག་ལ་དྲག་གནོན་དེ་ཙམ་མ་བྱས་ཀྱང་། རྗེས་སུ་རིམ་བཞིན་འབྲེལ་ཡོད་མི་སྣ་མང་པོ་ཞིག་ལ་སུན་བཙེར་དང་འཛིན་བཟུང་བྱེད་ཀྱིན་ཡོད་པའི་སྐོར་ངོ་སྤྲོད་བྱས་སོང་། ཚེ་རིང་སྐྱིད་ཀྱིས་དེའི་སྐོར་ནས་འབྲེལ་ཡོད་མི་སྣ་དང་གླེང་མོལ་བྱས་པ་ཡིན།།

XS
SM
MD
LG