ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིབ་འཇུག་དང་ཆོག་མཆན་མེད་པར་ལས་འཆར་ཆེ་ཁག་ལག་བསྟར་མི་ཆོག་པ།


རྒྱ་ནག་རྒྱལ་ཡོངས་སུ་མཁའ་རླུང་འབགས་བཙོག་བཟོ་གཞིའི་འཛུགས་ བསྐྲུན་གྱི་ལས་གཞི་ཁག་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་མཁན་རིམ་པ་ཞིག་བྱུང་ པའི་རྗེས། ད་ཆ་འཛུགས་སྐྲུན་གྱི་བཟོ་གྲྭ་གསར་རྒྱག་བྱ་འདོད་ཡོད་མཁན་ཚོས། སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་མིན་ཞིབ་འཇུག་བྱ་རྒྱུས་མཚོན་ པའི་རྒྱ་ནག་དབུས་གཞུང་ནས་ཆོག་མཆན་ངེས་པར་དུ་ཞུ་དགོས་པ་ཞིག་བཟོས་ ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ ཁག་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG