ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་མི་མེར་བསྲེགས་མཁན་གྱི་ཁྱིམ་ཚང་གི་འཚོ་རྟེན་མེད་པ་བཟོ་རྒྱུ


རྒྱ་ནག་གཞུང་གིས་བོད་ཀྱི་མདོ་སྨང་རྨ་ལྷོ་རེབ་གོང་དུ་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཁྱིམ་ཚང་ལ་འཚོ་རྟེན་འགན་སྲུང་མེད་པ་བཟོ་རྒྱུ་དང་རང་ལུས་མེར་བསྲེགས་མཁན་དང་འབྲེལ་ཡོད་དང་ གདུང་སེམས་མཉམ་སྐྱེད་བྱེད་མཁན་སོགས་ལ་ཁྲིམས་ཆད་བྱེད་རྒྱུ་སོགས་དོན་ཚན་ལྔ་འཁོད་པའི་བརྡ་ཁྱབ་ཞིག་རྨ་ལྷོ་ཁུལ་གྱི་ས་གནས་གང་སར་སྦྱར་བ་དང་གཞུང་གི་བརྙན་འཕྲིན་ནང་ཡང་ཡང་སྟེན་གྱི་ཡོད་པ་རེད། རྒྱ་ནག་གཞུང་གི་བརྡ་ཁྱབ་དེའི་ནང་དོན་ཁག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་དང་བོད་ཀྱི་དུས་བབ་སོགས་ཀྱིས་ཕབ་སྒྱུར་བྱས་ཡོད་པ་བཞིན་པ་སངས་དབྱངས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་གནང་བ་ཞིག་གསན་རོགས་གནང་།
XS
SM
MD
LG