ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་ལེན་དགོས་པའི་སྐུལ་མ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ད་རིང་གཟའ་ལྷག་པ་ཕྱི་ཚེས་ཉི་ཤུའི་ཉིན་སུད་ཛ་ལནཌ་ཡི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་བོད་དོན་གཏམ་བཤད་གནང་བའི་སྐབས་སུ་ རྒྱ་ནག་གིས་དེ་སྔ་རྒྱལཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་སྤྱི་སྒྲེམ་སྤྱི་མཚུངས་བྱ་རྒྱུའི་ཁས་ལེན་བྱས་པ་དེ་ཚོ་ལག་ཐོག་དོན་འཁྱོལ་ཐུབ་པ་དགོས་ཀྱི་ཡོད་ལུགས་སྐུལ་མ་གནང་འདུག
XS
SM
MD
LG