ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གུ་ཁེ་ལེ་ལ་ཁྲིམས་བཤེར་ཚར་ཏེ་ཁྲིམས་ཐག་བཅད།


རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ རྒྱ་ནག་གི་དམར་ཤོག་གི་འགོ་ཁྲིད་བོ་ཤི་ལད་ཀྱི་བཟའ་ཟླ་ གུ་ཁེ་ལེ་ལ་དབྱིན་ཇིའི་ཚོང་པ་ཞིག་ལྐོག་བསད་བཏང་བའི་ནག་ཉེས་ཡོད་པ་ཁྲིམས་ཐག་བཅད་དེ་མོ་རང་སྲོག་ཐོག་ཏུ་གཏང་རྒྱུ་དང་ འོན་ཀྱང་ལོ་གཉིས་ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གྲོང་ཁྱེར་པད་ཅིང་ནས་བཏང་བའི་གནས་ཚུལ་ཞིག་ནང་ ད་རེས་ཀྱི་ཁྲིམས་བཤེར་འདི་ནི་ད་ལྟའི་རྒྱ་ནག་གི་ཆབ་སྲིད་དབང་ཆའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཡིན་པའི་སྐོར་ ཚེ་བརྟན་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG