ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་བོད་མིའི་རང་སྲེག་ངོ་རྒོལ་ཐད་གློག་བརྙན་གསར་བཟོ་བྱས།


བོད་མི་ཚོས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པ་དེར་རྒྱ་ནག་གཞུང་གི་ངོས་ནས་རང་ལུས་མེར་སྲེག་གི་རྒྱབ་ལོགས་ཀྱི་གསང་བ་ཞེས་པའི་གློག་བརྙན་གཞན་ཞིག་བཟོས་ཡོད་པ་དང་། དེའི་ནང་དུ་གཙོ་བོར་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུད་སྐུལ་བྱས་པར་བརྟེན། རང་ལུས་མེར་སྲེག་གི་ལས་འགུལ་འགོ་བརྩམས་པ་དང་། ཕྱི་ལོགས་ཀྱི་བོད་མི་ཚོས་རང་ལུས་མེར་སྲེག་པ་ཚོ་མི་རིགས་ཀྱི་དཔའ་བོར་བསྒྲགས་པ་དང་གཞན་དོན་དུ་རང་སྲོག་བློས་བཏང་བ་གཟི་བརྗིད་ལ་བརྩིས་པས། བོད་ནང་གི་དད་པ་ཁོ་ན་ལས་ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་བོད་མི་ཚོས་རང་ལུས་མེར་སྲེག་གི་རྒྱུན་བསྐྱངས་བ་ལ་སོགས་པའི་སྐོར་གཙོ་འདོན་བྱས་ཡོད་པ་རེད། འདིའི་ཐད་ཚེ་རིང་སྐྱིད་ཀྱིས་བོད་མིའི་སྒྲིག་འཛུགས་ལ་བསམ་ཚུལ་ཅི་ཡོད་དང་། ཡང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཚོའི་མངོན་འདོད་གང་ཡིན་སོགས་ཀྱི་སྐོར་ཕྱོགས་སྒྲིག་བྱས་པ་དེར་གསན་རོགས་གནང་།
XS
SM
MD
LG