ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་པའི་ཆོས་ལུགས་འདུ་འཛོམ་ལ་དམ་དྲག


བོད་ཀྱི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འབོ་ར་ས་ཆའི་བོད་པ་ན་གཞོན་དཀོན་མཆོག་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཕུང་པོ་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་པ་མ་ཟད། ཡུལ་མི་ཚོས་འདས་པོའི་ཕུང་ཕོ་རྩིས་སྤྲོད་ཡོང་བའི་ཞུ་གཏུགས་བྱེད་ཀྱིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ཕུང་པོ་རྩི་སྤྲོད་བྱས་ནས་ནང་མི་ཚོར་འདས་མཆོད་སྒྲུབ་དུ་འཇུག་གི་མེད་ཅིང་། འབོ་ར་དགོན་པའི་གྲྭ་བ་རྣམས་འདས་པོའི་ཁྱིམ་དུ་ཕེབས་རྒྱུ་ཡང་བཀག་འགོག་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་པ་ཚོར་འདས་མཆོད་སྒྲུབ་དུ་འཇུག་གི་མེད་པ་དེ་ནི་བོད་པ་ཚོ་མིའི་རིགས་ཀྱི་གྲས་ནས་ཕྱིར་ཕུར་བྱས་ཏེ་དུད་འགྲོ་ལྟ་བུར་ངོས་འཛིན་བྱེད་ཀྱིཡོད་་པ་རེད་ཅེས་གནས་ཚུལ་ཐོན་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
XS
SM
MD
LG