ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཙན་པོའི་སྙིང་སྟོབས་ཀྱི་རྩོམ་སྒྲིག་པ་འཛིན་བཟུང་བྱས་འདུག


༼བཙན་པོའི་སྙིང་སྟོབས་༽ཞེས་པའི་དུས་དེབ་ཅིག་སྤྱི་ལོ་༢༠༠༨ལོར་དཔར་བསྐྲུན་འགྲེམས་སྤེལ་བྱེད་སྐབས། རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ་འགྲེམས་སྤེལ་བྱ་རྒྱུ་མཚམས་འཇོག་བྱེད་དུ་བཅུག་ཡོད་པ་མ་ཟད། དུས་དེབ་དེའི་རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་འཛིན་བཟུང་གིས་འདྲི་རྩད་བྱས་ཏེ་མནར་གཅོད་བཏང་རྗེས་གློད་བཁྲོལ་བཏང་ཡོད་འདུག་ཀྱང་ བསྐྱར་དུ་༼བཙན་པོའི་སྙིང་སྟོབས་༽དུས་དེབ་འདོན་ཐེངས་གཉིས་པ་དེ་དཔར་བསྐྲུན་བྱས་པས། རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་ཟླ་གཅིག་ལྷག་གི་སྔོན་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟའི་ཆར་ཁོང་གི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་ཡིན།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG