ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་བོད་པ་༧༠་ཐམ་པ་བཀག་ཉར།


ཉེ་ཆར་ཕྱི་ཟླ་༡་ཚེས་༣༡་ཉིན་རྒྱ་ནག་གཞུང་གིས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་པ་གཉིས་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་པ་དྲུག་བཅས་ཁྱོན་བསྡོམས་པ་མི་༨་ལ་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལ་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་སྲོག་ཁྲིམས་ལག་ལེན་བསྟར་རྒྱུ་ནས་ལོ་ངོ་གསུམ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཟིན་ཅིང་། ཕྱི་ཟླ་༢་ཚེས་༧་ཉིན་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་བྱུང་བའི་རང་ལུས་མེར་བསྲེགས་ལ་འབྲེལ་བ་ཡོད་པའི་མི་༧༠་ཐམ་པ་བཀག་ཉར་བྱས་ཡོད། ཁོང་ཚོའི་གྲས་ཀྱི་མི་༡༢་དངོས་སུ་འཛིན་བཟུང་བྱས་པ་ཡིན། རྒྱ་ནག་གཞུང་གིས་མི་དེ་དག་གི་ནག་ཉེས་ཆེ་ཆུང་ལ་གཞིགས་ནས་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁང་གི་འགོ་ཁྲིད་གཞོན་པ་ལུ་པེན་ཆོན་གྱིས་གྱོད་གཞི་དེ་ཚོར་ང་ཚོས་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་རྒྱུ་དང་། མི་ལ་རང་ལུས་མེར་སྲེག་གཏོང་དགོས་པའི་ངན་སྐུལ་བྱེད་མཁན་ཚོར་ཁྲིམས་གཅོད་དྲག་པོ་བྱེད་རྒྱུ་ཞེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG