ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པར་ཐོངས་མཆན་མ་སྤྲད་པའི་གནས་ཚུལ།


རྒྱ་ནག་གཞུང་གིས་ཨ་རིའི་ནིའུ་ཡོག་དུས་བབ་གསར་ཤོག་གི་གསར་འགོད་པ་ཞིག་ལ་རྒྱ་ནག་ནང་དུ་སྔར་བཞིན་རྒྱུན་སྡོད་བྱས་ཏེ་གསར་འགོད་པའི་ལས་རིགས་གཉེར་ཆོག་པའི་ཐོངས་མཆན་མ་སྤྲད་པའི་གནས་ཚུལ་ཐོན་རུང་། ད་ལྟ་རྒྱ་ནག་གཞུང་གིས་གནས་ཚུལ་དེར་ཁས་ལེན་བྱས་མེད་ཅིང་། ཉེ་ཆར་ནིའུ་ཡོག་དུས་བབ་ཚགས་པར་ལ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡི་ཁྱིམ་ཚང་ལ་རྒྱུ་དངོས་ཨ་སྒོར་དུང་ཕྱུར་༢༧་ཙམ་ཡོད་པའི་གནས་ཚུལ་སྤེལ་པའི་རྗེས་སུ་པེ་ཅིང་དུ་བཅའ་སྡོད་ནིའུ་ཡོག་དུས་བབ་གསར་ཤོག་གི་གསར་འགོད་པ་ཁེ་སི་བྷག་ཁེ་ལི་རྒྱ་ནག་ནས་ཧོང་ཀོང་ལ་ཕྱི་ཐོན་བྱ་དགོས་བྱུང་ཡོད་པའི་གསར་འགྱུར་ཞིག་གང་སར་ཐོན་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG