ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་རྩེད་འགྲན་པའི་སྒྲིག་ཆས་ཐད་ངོ་རྒོལ་ཡོང་གི་ཡོད་པར་རྒྱ་ནག་གིས་སྐྱོན་བརྗོད།


རིང་མིན་དབྱིན་ཡུལ་དུ་ རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་པིག་རྩེད་འགྲན་ཚུགས་པའི་སྐབས་ ཨ་མི་རི་ཀའི་རྩེད་འགྲན་པ་རྣམས་ཀྱིས་རྩེད་འགྲན་འགོ་འཛུགས་དང་མཇུག་སྡོམ་གྱི་མཛད་སྒོའི་ཐོག་གྱོན་རྒྱུའི་སྒྲིག་ཆས་རྣམས་ རྒྱ་ནག་གིས་བཟོས་པ་ཡིན་པའི་སྐོར་ཉེ་དུས་གནས་ཚུལ་ཐོན་པར་བརྟེན་ དེའི་ཐད་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་བཞིན་པ་རེད་ དེར་བརྟེན་ གཟའ་ཟླ་བའི་ཉིན་ རྒྱ་ནག་གི་གཞུང་གཉེར་གསར་སྤེལ་ཁང་གིས་ཆེད་བརྗོད་ཅིག་སྤེལ་ཡོད་པ་དེའི་ནང་ ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་བྱེད་ཕྱོགས་དེ་ནི་ ཨོ་ལིམ་པིག་རྩེད་འགྲན་གྱི་དོན་སྙིང་ལ་མཐོང་ཆུང་དམའ་འབེབས་བྱས་པ་ཞིག་རེད་ཅེས་དགག་པ་བརྒྱབས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG