ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷ་སར་ཨ་མདོའི་ཚོང་པ་ཚོར་དཀའ་ངལ།


རྒྱ་ནག་གཞུང་གིས་ཆབ་སྲིད་གནད་དོན་ཐད་དུ་དམ་དྲག་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ཉེ་བའི་ལོ་ཤས་ནས་ལྷ་སར་ཡོད་པའི་ཨ་མདོའི་ཚོང་པ་ཚོར་ཚོང་ལས་ཐོག་ཏུ་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་ཅིང་། ཕ་ཡུལ་གྱི་སྒོ་ཕྱུགས་དང་ས་ཞིང་བཙོངས་ཏེ་ལྷ་སར་གནས་སྤོར་བྱས་ཏེ་ཚོང་ལས་གཉེར་མཁན་ཨ་མདོ་བའི་ཚོང་པ་གསར་པ་མང་པོ་ཞིག་གི་འཚོ་རྟེན་བརླག་འགྲོ་བའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་མཁོ་འདོན་པ་ཙ་ཡུས་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
XS
SM
MD
LG