ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཕྱོགས་འདམ་གཞུང་དུ་ཉེ་ཆར་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་ལ་བརྟེན་ནས་ཁོང་དང་འབྲེལ་བ་ཡོད་པའི་མི་དྲུག་ཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་ཏེ་འདྲི་བཙད་བྱེད་བཞིན་པ་དང་། ཡང་འདམ་གཞུང་ས་ཁུལ་ཡོངས་སུ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་པ་མ་ཟད་། གྲོང་ཚོ་སོ་སོར་སྲིད་གཞུང་གི་མི་སྣ་ཆེད་སྐྱོད་བ༑ས་ཏེ་སློབ་གསོ་རྒྱག་གི་ཡོད་པ་ལ་སོགས་པའི་སྐོར་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་པྱོགས་སྒྲིག་བྱས་ཏེ་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG