ངོ་འཕྲད་བདེ་བའི་དྲ་འབྲེལ།

འབར་མའི་ནང་དུ་ནང་པ་དང་ཁ་ཆེའི་སྤྱི་ཚོགས་གཉིས་དབར་དུ་འཁྲུག་རྩོད་དྲག་སྤྱོད་བྱུང་སྟེ། ད་བར་དུ་མི་གྲངས་བདུན་ཅུ་དོན་བརྒྱད་ཙམ་རྐྱེན་འདས་སུ་སོང་ཡོད་པ་དང་ཡང་ཁ ཆེ་སྐྱེས་པ་བརྒྱ་ཕྲག་བརྒལ་བ་བཀག་ཉར་བྱས་ཡོད་པ་སོགས་ཀྱི་སྐོར་ལ་དེ་རིང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་ཞིག་ཕྱི་ལ་བཏོན་ཡོད་པ་རེད། འབར་མའི་ནང་གི་ནང་བ་དང་ཁ་ཆེའི་བ་སྤྱི་ཚོགས་གཉིས་དབར་དུ་དྲག་ཟིང་བྱུང་བ་ལས། འབར་མའི་གཞུང་དམག་གིས་ཁ་ཆེ་དྲག་གནོན་བྱས་པའི་སྙན་ཐོ་ཕྱི་ལ་བཏོན་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་ཅིག་འབར་མའི་ནང་གཟིགས་ཞིབ་ཏུ་ལ་ཕེབས་བཞིན་པ་སོགས་ཀྱི་སྐོར་ལ་འདི་ཀ་རླུང་འཕྲིན་ཁང་གི་གསར་འགོད་པ་Ron Corbenཡིས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG