ངོ་འཕྲད་བདེ་བའི་དྲ་འབྲེལ།

འབར་མར་རྒྱ་ནག་གིས་གཏེར་ཁ་སྔོག་བཞིན་པ།


འབར་མའི་ཁྲིམས་རྩོད་པ་དང་ལས་འགུལ་བ་ཚོས་བརྗོད་ན་ འབར་མའི་ས་གནས་གཞུང་འབྲེལ་མི་སྣ་ཚོས། རྒྱ་ནག་གིས་མ་རྩ་བཞག་སྟེ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཞིག་ལ་རྒྱབ་སྐྱོར་བྱས་ཏེ་འབར་མའི་གྲོང་གསེབ་མི་མང་གི་ལག་ནས་ས་ཞིང་བཙན་འཕྲོག་བྱེད་ཀྱིན་ཡོད་པ་དང་ ཡང་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱེད་མཁན་གྱི་མི་མང་ཚོར་འཇིགས་སྐུལ་བྱེད་བཞིན་པ་སོགས་ལ་བརྟེན། ཁྲིམས་རྩོད་པ་ཚོས་འབར་མའི་གཞུང་འབྲེལ་མི་སྣ་དང་འབྲེལ་ཡོད་དམག་དོན་ལྷན་ཁང་བཅས་ལ་གྱོད་དོན་འདི་རྩད་ཞིབ་བྱ་དགོས་པའི་དགོས་འདུན་འདོན་གྱིན་ཡོད་པ་སོགས་ཀྱི་སྐོར་ལ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG