ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དབྱིན་ཇིའི་སྲིད་བློན་གྱིས་བློན་ཆེན་གཉིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་དུ་མ་བཅུག་པ།


ད་ལོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་ལ་ཆིབས་སྒྱུར་གནང་སྟེ་ཉི་མ་བཅུ་ཐམ་པར་བཞུགས་པའི་སྐབས་སུ་དབྱིན་ཇིའི་སྲིད་བློན་ཌི་ཝི་ཌི་ཁེམ་རོན་དང་སྲིད་བློན་གཞོན་པ་གཉིས་ཀྱིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རུང་། སྲིད་བློན་ཁེམ་རོན་གྱིས་རང་གི་བློན་ཆེན་ལྷན་ཁང་གི་བློན་ཆེན་གཞན་པ་གཉིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་དུ་བཅུག་མེད་པ་དང་། དེར་བརྟེན་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དབྱིན་ཇིའི་བློན་ཆེན་དེ་དག་གིས་རྗེས་སུ་སྲིད་བློན་ལ་སྐྱོན་བརྗོད་དང་ངོ་རྒོལ་གྱི་ཕྱག་བྲིས་ཤིག་ཕུལ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་དང་། དབྱིན་ཡུལ་དུ་བཅའ་སྡོད་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ལ་གནས་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་བྱས་ཞིག་གསན་རོགས་གནང་།།
XS
SM
MD
LG