ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་གཞུང་གི་ནང་རྒྱ་ནག་དང་འབྲེལ་བ་བྱེད་ཕྱོགས་ཐད་བསམ་ཚུལ་མི་མཐུན་པ།


དབྱིན་ཇིའི་གཞུང་གི་ནང་ རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཕྱོགས་ཐད་བསམ་ཚུལ་མི་མཐུན་པ་གཉིས་ཡོང་གི་ཡོད་པ་དང་ བསམ་ཚུལ་གཅིག་ནི་ ཡུལ་གྲུ་གཉིས་ཀྱི་ཚོང་འབྲེལ་ལ་གནོད་སྐྱོན་བྱུང་ཚབས་ཆེ་རུ་མི་འགྲོ་བའི་ཆེད་དུ་ རྒྱ་ནག་ལ་བསྟུན་མཁས་བྱེད་དགོས་པའི་སྐོར་ཡིན་པ་དང་ བསམ་ཚུལ་གཞན་དེ་ནི་ རྒྱ་ནག་ལ་མགོ་མ་སྒུར་བར་རང་གི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་ རྒྱ་ནག་གཞུང་གིས་བོད་མི་ལ་གདུག་རྩུབ་བྱེད་པའི་གནད་དོན་སོགས་ཀྱི་ཐད་གླེང་སློང་ཤུགས་ཆེན་པོ་བྱེད་དགོས་པའི་སྐོར་ཡིན་པའི་ཐད་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG