ངོ་འཕྲད་བདེ་བའི་དྲ་འབྲེལ།

རེབ་གོང་དམེ་སྐོར་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།


རྒྱ་ནག་གིས་བོད་དང་བོད་མིའི་ཐོག་འཛིན་པའི་དམ་བསྒྲགས་ཆེ་བའི་སྲིད་བྱུས་ཁག་ལ་ངོ་རྒོལ་གནང་རྒྱུར་བོད་ཤར་ཕྱོཌ་ཨ་མདོ་རེབ་ཀོང་གི་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་ཕྱི་ཟླ་ཚེས་༢༣གྱི་དགོང་དྲོའི་བོད་ནང་གི་ཆུ་ཚོད་ ༦་པའི་ཡས་མས་ཙམ་ལ་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་འབོད་པའི་སྲིད་གཞུང་གི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་བཏང་གནང་སྟེ་འདས་གྲོངས་སུ་གྱུར་འདུག
གནས་ཚུལ་རྒྱུས་མངའ་ཡོད་མཁན་དགའ་ལྡན་བྱང་རྩེའི་སྐུ་ཞོག་དགེ་འདུན་ཕག་པས་ཨ་མི་རི་ཀའི་རྒྱང་སྲིང་རླུང་འཕྲིན་ཁང་ལ་གསུངས་གསལ་ལ་ རང་ལོ་༢༩ཡིན་པ་མདོ་སྨད་རེབ་གོང་ཁུལ་རྡོ་དཀར་མོ་ཞང་དམེ་སྐོར་སྡེ་བའི་རྟ་མགྲིན་རྡོ་རྗེར་སྤུན་མཆེད་བུ་གསུམ་དང་བུ་མོ་ཞིག་ཡོད་པ་དང་། ཁོང་གིས་རང་ལུས་མེར་བསྲེགས་གཏོང་བའི་སྐབས་ཁོང་གིས་མེ་ཕུང་གི་ཁྲོད་ནས་ལག་གཉིས་ཐལ་མོ་སྦྱར་ཏེ།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་བརྒྱབས་པ་དང་བོད་མིར་རང་དབང་དགོས་པའི་དགོས་འདུན་སྟོན་གནང་ཡོད་འདུག ཁོང་འདས་གྲོངས་སུ་གྱུར་པའི་རྗེས་ས་གནས་ཀྱི་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་ས་གནས་དེར་འདུ་འཛོམས་ཐོག
སྐུ་ཕུང་དེ་ས་གནས་ཀྱི་དགོན་པའི་ཉེ་ཁྲིས་ཀྱི་དུར་ཁྲོད་དུ་གདན་འདྲེན་ཞུས་ཏེ་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་མ་ཎི་འུར་འདོན་བྱས་ཏེ་དམ་པ་དེ་ཉིད་གྲུ་འཛིན་ཞིང་དུ་སྐྱེས་པའི་གསོལ་འདེབས་སྨོན་ལམ་གནང་འདུག
XS
SM
MD
LG