ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མདོ་སྨད་གཙོད་ས་ཁུལ་དུ་བུད་མེད་ཅིག་གིས་རང་སྲེག་ངོ་རྒོལ།


བོད་ཀྱི་མདོ་སྨད་གཙོད་ས་ཁུལ་དུ་དེ་རིང་ཕྱི་ཟླ་༨་ཚེས་༧་ཉིན་བྱིས་པ་གཉིས་ཀྱི་ཨ་མ་སྒྲོལ་དཀར་འཚོ་ཞེས་པ་ཞིག་གིས་གཙོད་དགོན་པའི་གླིང་སྐོར་དུ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་འདུག་པ་དང། སྒྲོལ་དཀར་འཚོས་རང་ལུས་མེར་སྲེག་གཏོང་བའི་འཆར་འགོད་ལེགས་པར་བྱས་ཡོད་པ་མ་ཟད། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་པ་དང་། གླིང་སྐོར་འགྲོ་མཁན་ཚོས་སྐད་འབོད་ཐོས་མ་ཐག་ཏུ་སྒྲོལ་དཀར་འཚོའི་ལུས་སྟེང་གི་མེ་བསད་ཀྱང་མོ་རྗེས་སུ་འདས་གྲོངས་སུ་ཕྱིན་ཡོད་པ་སོགས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG