ངོ་འཕྲད་བདེ་བའི་དྲ་འབྲེལ།

དངུལ་རྭའི་སངས་རྒྱས་བཀྲ་ཤིས་ཀྱིས་རང་སྲེག་ངོ་རྒོལ།


མདང་དགོང་ཕྱི་ཚེས་༢༧་གྱི་མཚན་མོའི་ཆུ་ཚོད་༡༡་ཡས་མས་སུ་བླ་བྲང་བསང་ཁོག་ཞང་ཐོག་ཏུ་རང་ལོ་༡༨ ་ལ་སོན་པའི་བོད་པ་ན་གཞོན་སངས་རྒྱས་བཀྲ་ཤིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་འདས་གྲོངས་གྱུར་པ་དང་། ཁོང་གིས་རང་ལུས་མེར་སྲེག་བཏང་བའི་སྐབས་སུ་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་པཎ་ཆེན་སྣང་བ་མཐའ་ཡས་གཙོས་སྲིད་དོན་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་སངས་རྒྱས་བཀྲ་ཤིས་ཀྱིས་སྤུན་མཆེད་འཇམ་དབྱངས་སྤྱིན་པ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG